Tuesday, 19 November 2019

མར་མེ།

དངས་གཙང་གི་ཁོར་ཡུག
གཡུ་སྔོན་གྱི་ནམ་འཕང་།
བརྒྱད་ལྡན་གྱི་གངས་ཆུ།
བྱམས་བརྩེའི་འདུ་ཤེས།
དེ་དག་ནི་བསོད་ནམས་མངོན་འགྱུར་གྱི་སྐལ་བཟང་ཤིག་སྟེ།
གདོང་དམར་སྤྱི་ལ་དབང་བའི་ལས་དབང་ཞིག་དང་།
དེ་དག་ནི་རླབས་ཆེན་མེས་པོའི་ཤུལ་བཞག་ཅིག་ཡིན་ལ།
གསོ་དཀའ་བའི་སེམས་ཁམས་ཀྱི་རྨ་ཁ་ཞིག་ཀྱང་ཡིན།
དཔའ་མཛངས་ཀྱི་ངར་སྒྲ།
རིན་བྲལ་གྱི་ཚེ་སྲོག
མཁས་བཙུན་གྱི་ལེགས་བཤད།
འགྲོ་ཀུན་གྱི་སྐྱབས་གནས།
འདི་དག་ནི་དཀའ་སྡུག་སེལ་བའི་སྙིང་སྟོབས་ཁོ་ན་སྟེ།
དཔོག་དཀའ་བའི་འབྱུང་འགྱུར་མི་ཚེའི་རེ་བའང་འདི་དག་ཉིད།
མདོར་ན། མཐའ་ཡངས་ནམ་འཕང་དབང་བའི་གཤོག་སྒྲོ་དང་།
ཕྱི་མའི་མུན་ནགས་སེལ་བའི་མར་མེ་ཞིག།

སྣག་ཚེའི་རྡུལ་ཕྲན་གྱིས། 

No comments:

Post a Comment

Still Here

    Right after the bitter, freezing winter of 1958, Spring—long awaited, long prayed for— Was stolen by an uninvited force. The C...