འཛིན་གྲོགས་ཚོ།
འགྲུལ་ལམ་རིང་པོའི་ངལ་སྟེགས།
ཐེམ་པའི་ནམ་དུས་ཀྱི་སྐྱེས་ཆུ།
ཆེས་དཀའ་བ་ནི་ཁྱེད་ཅག་ཀྱི་རིན་ཐང་ཚིག་འབྲུར་འགྲེལ་རྒྱུ་དང་།
འདས་ཟིན་པའི་དྲན་ཐོ་དག་སྐྱར་ཀློག་བྱེད་རྒྱུ་དེ་ཡིན་མོད།
དེ་ཡང་། བརྩེ་སེམས་ཀྱིས་ལོ་ཟླ་ཧྲིལ་བུ་དབང་འགྱུར་བྱས་ཏེ།
ངོ་བོ་དང་ལུགས་སྲོལ།
སྐད་གདངས་དང་གཤིས་སྤྱོད།
ཡོངས་རྫོགས་བེད་མེད་ཀྱི་གཡང་གཟར་བརྫངས་ཏེ།
ཁྱིམ་གཞི་བཟང་པོའི་བསོད་ནམས་ཤིག་ཁྱེད་ཀྱིས་བསྐྲུན།
ཕུ་ནུ་ཚོ།
ལས་དབང་གི་ཁ་ཕྱོགས་དང་།
འབབ་ཆུའི་ངར་ཤུགས།
དེ་ལས་ཀྱང་ལྡོག་དཀའ་བ་ནི་དུས་ཀྱི་གོམ་འགྲོས་དང་།
དར་དཀར་གྱིས་བཅིངས་པའི་བརྩེ་སེམས་ཀྱི་མདུད་པ་བཀྲོལ་རྒྱུ་དེ་ཡིན་མོད།
དེ་ཡང་། ལོ་རྒྱུས་ཀྱི་དྲན་རྟེན་རྡོ་རིང་ཞིག་མངོན་འགྱུར་མེད་ནའང་།
བརྗེད་དཀའ་བའི་སྙིང་གཏམ།
བྲལ་དཀའ་བའི་མཛའ་བཤེས།
སྙིང་ཆུང་དམར་རྗེན་གྱིས་འཛིན་པའི་ཕུ་ནུའི་བརྩེ་བ་དག་དང་།
དུས་གསུམ་འགྱུར་མེེད་ཀྱི་བརྩེ་སེམས་དག་སུ་ཡིས་བཅོམ་པར་ནུས།
སློབ་མ་ཚོ།
ལས་དབང་གི་ལམ་སྣེ་དང་།
བརྩོན་པའི་ལམ་ཁྲིད་གཉིས།
དེ་དག་ལས་ཀྱང་གལ་ཆེ་བ་ནི་མི་རབས་ཀྱི་འགན་ཁུར་དང་།
ཆེས་རིན་ཐང་བྲལ་བའི་མེས་པོའི་ཤུལ་འཛིན་བྱ་རྒྱུ་དེ་ཡིན་མོད།
དེ་ཡང་། ལུང་ཚན་རྒྱལ་བས་དེ་དག་བསྒྲུབ་མི་ནུས་ལ།
ངའི་ཕུགས་བསམ་དང་ལྟ་བ།
ཁོ་བོའི་དམིགས་ཡུལ་དང་གཤིས་སྤྱོད།
ཡང་སྙིང་། དེ་ལྟར་འབྱེད་པས་ཁྱེད་ཀྱིས་བདེ་སྐྱིད་ཟབ་མོ་ཞིག་མྱོང་ནུས་ཀྱང་།
དེ་ནི་གོང་མའི་བཀའ་དགོངས་མིན་ལ།
དེས་མི་རབས་ཀྱི་བླ་སྲོག་ཇི་ལྟར་སྐྱོང་ནུས།
སྣག་ཚའི་རྡུལ་ཕྲན་གྱིས།