Sunday, 1 July 2018

རྔན་པ།


འདོད་པའི་རྫིང་བུ་ཅིས་ཀྱང་མི་འགེངས་ཤིང་།།
སྐྱེས་རྒ་གཙང་པོ་གཡོ་བའི་ཐབས་མེད་པས།།
འཇིག་རྟེན་འགྲོ་བའི་ལམ་ཕྲན་འདི་ཉིད་ལས།།
བྱམས་པའི་བློ་ཡི་རེ་བའི་རྔན་པ་ཅི།།

དབུལ་སྦུག་ཕུང་ཁམས་ལོ་རེ་ཇི་ཉམས་རེད།།
རླབས་ཆེན་ནང་རྟེན་ཡོན་ཏན་དེ་བས་ཞན།།
མེས་པོའི་ཤུལ་རྗེས་དབང་སྟོབས་དང་བྲལ་བས།།
སྙིང་གྲོགས་བྱམས་པར་རྔན་པ་ཅི་ཞིག་འབུལ།།

ལས་དབང་བསོད་ནམས་དམན་པའི་ལྡུམ་ར་རུ།།
འབྱོར་བའི་མེ་ཏོག་བཞད་པའི་ནམ་དུས་བྲལ།།
དབྱར་དཔྱིད་སྐལ་བ་མེད་པའི་ཞིང་བདག་ངས།།
ལོ་ཕུད་སྟོང་བའི་བསོད་ནམས་ཡ་རེ་ང་།།

དབུལ་ཕོངས་བདག་གིས་འཚོ་བ་འདི་ཉིད་ལས།།
ལུགས་དང་མཐུན་པའི་རྔན་པ་མ་མཆིས་ཀྱང་།།
དུངས་སེམས་དཀར་མདངས་རྒྱས་པའི་ཕུང་ཁམས་ཉིད།།
ལྷད་མེད་དམ་བཅའ་དང་བཅས་ཁྱེད་ལ་འབུལ།།

རྒྱལ་མཚན་གྱིས།།

No comments:

Post a Comment

Still Here

    Right after the bitter, freezing winter of 1958, Spring—long awaited, long prayed for— Was stolen by an uninvited force. The C...